您当前位置:首页 >  黄南要闻  > 黄南州维稳情报信息举报奖励办法 试行(藏文版)

黄南州维稳情报信息举报奖励办法 试行(藏文版)

2017-09-06    来源:文/黄南州政法委    责任编辑:张霖


རྨ་ལྷོ་ཁུལ་གྱི་བརྟན་སྲུང་གསང་འཕྲིན་ཐེར་འདོན་

གོང་ཞུ་ལ་དགའ་རྟགས་སྟེར་ཐབས།

ཚོད་ལྟར་སྤྱོད་པ།

 

       དོན་ཚན་དང་པོ།  རྒྱ་ཆེ་བའི་མི་དམངས་མང་ཚོགས་སྔར་ལས་སྐུལ་སློང་བྱས་ཏེ་ཡོངས་ཁྱབ་ཏུ་བརྟན་སྲུང་བྱ་བར་ཞུགས་པ་དང་། ཧུར་ཐག་གིས་བརྟན་འཇགས་དང་འབྲེལ་བའི་གསང་འཕྲིན་གྱིདམངས་ཡོངས་ཀྱི་དྲ་བའཛུགས་ཆེད། རྨ་ལྷོ་ཁུལ་གྱི་བརྟན་སྲུང་གསང་འཕྲིན་ཐེར་འདོན་གོང་ཞུ་བྱེད་པའི་སྟེགས་བུའི་དོ་དམ་བྱེད་ཐབས།གཞིར་བཟུང་ནས་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།

  དོན་ཚན་གཉིས་པ།  ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སྐད་འཕྲིན་ནང་དུ་རྨ་ལྷོ་ཁུལ་གྱི་བརྟན་སྲུང་གསང་འཕྲིན་ཐེར་འདོན་གོང་ཞུ་བྱེད་པའི་སྟེགས་བུའཚོལ་བ་དང་ཡང་ན་རྩ་གཉིས་བཤེར་ཨངས་འོག་ན་སྦྱར་ཡོད།བཤེར་ནས་དོ་སྣང་བྱས་ཏེ་སྐད་འཕྲིན་གྱི་སྤྱི་སྟེགས་སྟེང་དུ་ཐེར་འདོན་གོང་ཞུ་བྱས་ཆོག

དོན་ཚན་གསུམ་པ། མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་གསང་འཕྲིན་གྱི་ཁུངས་སྣེ་སྣ་ཚོགས་ཀྱི་གཞི་རྩའི་དོན་དངོས་ལ་ཞིབ་བཤེར་བྱས་ནས་བདེན་པ་ཡིན་རྗེས། གནས་ཚུལ་ཐེར་འདོན་གོང་ཞུ་བྱས་པའི་གསང་འཕྲིན་གྱི་གལ་ཆེ་ཆུང་ལྟར་བྱ་དགའ་སྟེར་རྒྱུ།

1.སྤྱིར་བཏང་གི་བརྟན་འཇགས་དང་འབྲེལ་བའི་ཆ་འཕྲིན་ཁུངས་སྣེ་འདོན་སྤྲོད་བྱས་པར། རྩད་ཆོད་མཐའ་གསལ་བྱས་རྗེས། གསང་འཕྲིན་གྱི་དངོས་ཡོད་རིན་ཐང་ལྟར། མི་དམངས་ཤོག་སྒོར50ནས500ཡི་བྱ་དགའ་སྟེར་རྒྱུ།

2.བརྟན་འཇགས་དང་འབྲེལ་བའི་ཆ་འཕྲིན་ཁུངས་སྣེ་གཙོ་བོ་འདོན་སྤྲོད་བྱས་པར། རྩད་ཆོད་མཐའ་གསལ་བྱས་རྗེས། གསང་འཕྲིན་གྱི་དངོས་ཡོད་རིན་ཐང་ལྟར། མི་དམངས་ཤོག་སྒོར500ནས5000ཡི་བྱ་དགའ་སྟེར་རྒྱུ།

3.བརྟན་འཇགས་དང་འབྲེལ་བའི་ཆ་འཕྲིན་ཁུངས་སྣེ་འགངས་ཆེན་འདོན་སྤྲོད་བྱས་པར། རྩད་ཆོད་མཐའ་གསལ་བྱས་རྗེས། གསང་འཕྲིན་གྱི་དངོས་ཡོད་རིན་ཐང་ལྟར། མི་དམངས་ཤོག་སྒོར5000ནས50000ཡི་བྱ་དགའ་སྟེར་རྒྱུ།

4.བརྟན་འཇགས་དང་འབྲེལ་བའི་ཆ་འཕྲིན་ཁུངས་སྣེ་གལ་ཆེན་དམིགས་བསལ་ཅན་འདོན་སྤྲོད་བྱས་པར། རྩད་ཆོད་མཐའ་གསལ་བྱས་རྗེས། གསང་འཕྲིན་གྱི་དངོས་ཡོད་རིན་ཐང་ལྟར། མི་དམངས་ཤོག་སྒོར50000ནས100000ཡི་བྱ་དགའ་སྟེར་རྒྱུ།

5.མི་སྒེར་གྱི་ཐལ་དྲགས་དོན་རྐྱེན་དང་། དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་དང་འབྲེལ་བའི་གསང་འཕྲིན་གྱི་ཁུངས་སྣེ་འདོན་སྤྲོད་བྱས་པར། དུས་ཐོག་ཏུ་བརྟག་དཔྱད་བདེན་དཔང་བྱས་ཏེ་ནུས་ལྡན་གྱིས་ཚོད་འཛིན་དང་སྔོན་འགོག་བྱ་ཐུབ་ཚེ། གསང་འཕྲིན་གྱི་དངོས་ཡོད་རིན་ཐང་ལྟར། མི་དམངས་ཤོག་སྒོར་ཁྲི10ཡན་གྱི་བྱ་དགའ་སྟེར་རྒྱུ།

དོན་ཚན་བཞི་བ། ཁུལ་བརྟན་སྲུང་གཞུང་ལས་ཁང་གིས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་གསང་འཕྲིན་ལ་སྐད་འཕྲིན་གྱི་ཁུག་དམར་དང་སྐད་འཕྲིན་ཐོག་ནས་དངུལ་བསྐོར་བའི་རྣམ་པའི་ཐོག་ནས་བྱ་དགའ་སྟེར་རྒྱུ་ཡིན་ལ། སྤྱིར་བཏང་དུ་ཉིན་ལྔའི་ལས་ཚོགས་ཀྱི་དུས་ཚོད་ནང་ལག་ལེན་དུ་འདེབས་དགོས། ཆེས་རིང་ནའང་ཉིན་ཉི་ཤུའི་ལས་ཚོགས་ཀྱི་དུས་ཚོད་ལས་བརྒལ་མི་ཆོག

དོན་ཚན་ལྔ་བ། ཁུལ་དང་རྫོང་བརྟན་སྲུང་སྡེ་ཁག་གིས་བདེ་འཇགས་དང་གསང་རྒྱར་ཤུགས་སྣོན་དགོས་པ་དང་། ཐེར་འདོན་གོང་ཞུ་ཞུ་མཁན་གྱི་གནས་ཚུལ་ལ་རྦད་དེ་སྲུང་སྐྱོང་བྱ་དགོས།  ཐེར་འདོན་གོང་ཞུ་ཞུ་མཁན་གྱི་གནས་ཚུལ་གསང་རྒྱ་ཤོར་ཚེ། འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།

དོན་ཚན་དྲུག་པ། བྱེད་ཐབས་འདི་ཁུལ་བརྟན་སྲུང་གཞུང་སྒྲུབ་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བྱ་རྒྱུ།